ངེད་སྐོར།

ཚང་སར་ཀུན་དགའ།

ང་རང་སྐྱེས་ཡུལ་ནི་ཁམས་ནང་ཆེན་རེ་བླ་དོམ་ཐང་ཞེས་པའི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་ཡིན། དེ་ཡང་ཕ་ཚང་སར་བྱམས་པ་འཆི་མེད་དང་མ་འཇའ་བཟའ་ནམ་ཆོས་གཉིས་ཀྱི་བུར་༡༩༧༩ ལོར་སྐྱེས། ཆུང་དུས་ཨ་མར་ཐབ་གཡོག་དང་ནང་ལས་ཙག་ཙིག་གི་ཕྱག་གཡོག་དང་ཕྱུག་འཚོ་སྐྱོང་བྱེད་རོགས་བྱེད་ཞོར་ཕ་རྒན་བཀའ་དྲིན་ཅན་གྱི་མདུན་ནས་ཡི་གེ་འབྲི་ཀློག་དང་ཡིག་གཟུགས་སྒྱུ་རྩལ། དཀྱིལ་འཁོར་གྱི་ཐིག་རྡུལ་ཚོན། བོད་ཀྱི་རྡོ་བརྐོས་རི་མོ་དང་ནག་རྩིས། གསོ་བ་རིག་པ་སོགས་ལ་སློབ་སྦྱོང་བྱས། དེ་ནས་འབའ་རོམ་བཀའ་བརྒྱུད་པའི་བརྒྱུད་འཛིན་གྱི་གདན་ས་གནམ་གྱི་ཚང་སར་དགོན་པའི་ཆོས་གྲྭར་ཞུགས་ཏེ་རང་ལུགས་ཀྱི་འདོན་རྟ་དབྱངས་རོལ། ཆོ་ག་ཆོས་སྤྱོད་གར་འཆམ་སོགས་ལ་སྦྱང་བརྩོན་བྱས། རང་དགོན་གཙང་རྔ་ཁར་བཤད་གྲྭ་གསར་འཛུགས་སྐབས་མཁན་པོ་ལོ་ཡག་སོགས་གདན་དྲང་སྐབས་སུ། སྤྱོད་འཇུག་དང་མངོན་པ་མཛོད་སོགས་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས། དེ་ནས་སྒྲུབ་སྡེ་བཀྲ་ཤིས་ལྷ་བརྩེ་རུ་ལོ་གསུམ་ཟླ་གསུམ་རིང་སྤྱིར་སྔགས་བླ་མེད་ཀྱི་གསང་བའི་ཟབ་ཆོས་སྐོར་གྲངས་མང་ཞིག་དང་། ཡང་སྒོས་གདམས་ངག་གི་བརྒྱུད་པའི་བྱིན་རླབས་མྱུར་བའི་དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་སྔོན་འགྲོ་ནས་བཟུང་ཐབས་གྲོལ་གྱི་ཆོས་སྐོར་ཡོང་རྫོགས་ཀྱི་དབང་ལུང་དང་། མན་ངག་གི་ཉིང་ཁུ་རྣམས་ཞུས་ཏེ་ལོ་གསུམ་ཟླ་གསུམ་རིང་སྒྲུབ་པའི་ཉམས་ལེན་རྩེ་གཅིག་ཏུ་བྱེད་ཁུར་བྱས། ༢༠༠༢ ལོར་བལ་ཡུལ་ཏུ་ཕྱིན་ནས་ལོ་གཅིག་ལྷག་གནས་དེར་དབྱིན་སྐད་སྦྱང་ཁུལ་བྱས།
སྤྱི་ལོ།༢༠༠༤ལོར་ཐའེ་ཝན་དུ་འབྱོར་༢༠༠༨ལོར་རྒྱ་རིགས་ནང་ཆོས་ལ་ཐུག་སྣང་ཡོད་མཁན་དག་ལ་དམིགས་ནས་འབའ་རོམ་བཀའ་བརྒྱུད་བྱང་ཆུབ་ཆོས་ཚོགས་ཐོག་མར་བཙུགས། དཔེ་ཁྲིད་དང་སྒོམ་ཁྲིད་སྤྱི་ཚོགས་ཞབས་ཞུ་མི་ཉུང་བ་ཞིག་གཉེར།
སྤྱི་ལོ།༢༠༡༢ལོར་ཆོས་རྗེ་དཔལ་ལྡན་འབའ་རོམ་པའི་ཕྱག་ཆེན་ཆོས་དྲུག་གི་སྔོན་འགྲོའི་ཁྲིད་རིམ་དབྱིན་སྐད་རྒྱ་སྐད་སོག་སྐད་ལ་བསྒྱུར་བའི་མཐུན་སྦྱོར་གནང་ཏེ་དཔར་སྐྲུན་འགྲེམ་སྤེལ་ཞུས།
སྤྱི་ལོ།༢༠༡༠ཚང་སར་ལྷ་རྒན་གྱིས་རྩོམ་བསྒྲིགས་གནང་བའི་སྐར་མཛོད་རྩིས་མགོ་ལྔ་བཅུ་པ་ཕྱག་བྲིས་བྱིན་ལྡན་དཔེ་རྒྱུན་ཆད་ལ་ཉེ་བ་དེ་ཉིད་ཉམས་མེད་བསྐལ་པའི་བར་དུ་གནས་ཕྱིར་ཕྱག་བྲིས་དངོས་མ་དེ་ཉིད་མ་སྨད་དག་གཙང་གིས་དཔར་འགྲེམ་ཞུས།
སྤྱི་ལོ།༢༠༡༥-༢༠༡༨བར་ལོ་གསུང་རིང་ཐའེ་ཝན་ཐའེ་པེ་རུ་རྒྱལ་ཁབ་རིམ་པའི་བཙོན་ཁང་ནང་གི་བཙོན་པ་རྣམས་ལ་ལུས་སྦྱོང་དང་སེམས་སྦྱོང་། ད་དུང་ནང་ཆོས་དང་མི་ཚེ་བར་འབྲེལ་བའི་སྐོར་ནས་དམ་པའི་ཆོས་ཀྱི་གཏམ་གླེང་མི་ཉུང་བར་བརྩོན་པ་ཆེར་བསྐྱེད་བྱས་པར་བརྟེན། ཁོ་ཚོར་དངོས་ཡོད་ཀྱི་ཕན་པ་ཡག་པོ་བྱུང་། སྤྱི་ལོ།༢༠༡༧ལོར་འབའ་རོམ་ཤེས་རབ་རིག་གཞུང་ལྷན་ཚོགས་བཙུགས་ཏེ་བོད་ཀྱི་ཐང་ཀའི་རི་མོའི་སྒྱུ་རྩལ་དང་ཡིག་གཟུགས་སྒྱུ་རྩལ་དཀྱིལ་འཁོར་གྱི་ཐིག་རྡུལ་ཚོན་སོགས་སློབ་ཁྲིད་བྱས། གཞན་ཡང་ཐའི་ཝན་གྱི་སློབ་གྲྭ་ཆེ་མོ་ཁག་དང་སྤྱི་སྒེར་གྱི་ཚོགས་སྡེ་ཁག་ལ་སྒོམ་དང་འཕྲུལ་འཁོར། དྲན་པ་ཉེར་བཞག་སོགས་ཀྱི་སྒོམ་ཁྲིད་གང་མང་བྱས།
སྤྱི་ལོ།༢༠༠༩ནས་བཟུང་། ཕ་ཡུལ་དུ་སློབ་གྲྭ་གསར་འཛུགས་ཀྱི་ལས་ཀ་གཉེར། རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་དང་ཡི་གེ་འདི་དག་མི་ཉམས་གོང་འཕེལ་དུ་གཏོང་བ་དང་། ཉམས་པ་སླར་གསོའི་འོས་འགན་ཞིག་ཕྲག་ཏུ་ཡོད་པ་ཤེས་ཀྱང་། མི་ཚེ་འདི་གཞན་ཡུལ་ལ་གོམས་ཆེ་བའི་དབང་གིས་སྐབས་དང་དུས་སུ་སེམས་ལ་ཡང་བསྔངས་སྐྲག་ཡོང་གིན་ཡོད་ཅིང་། དེས་ཕྱིར་གཞན་དག་བྱ་ཐབས་བྲལ་ཡང་ཕ་ཡུལ་དུ་རང་རིགས་ཀྱི་སློབ་གསོའི་ལས་ཀ་ཞིག་འགྲུབ་ན་བསམ་པའི་སེམས་ཁུལ་ཞིག་ངང་ནས་སྐྱེས་པ་ལྟར། བོད་ཡུལ་གྱི་ས་ཆ་གང་ས་གང་དུ་གང་ས་ཅི་ཐད་ནས་དཀའ་ངལ་ཡོད་པའི་བྱིས་པ་རྣམས་ལ་སློབ་སྦྱོང་གི་ཉེར་མཁོ་དང་། འཚོ་བའི་ཁ་གསབ་ཟས་གོས་གང་ཐད་ལྷག་བསམ་གཙང་མའི་དངོས་ཤུགས་རྒྱུད་གསུམ་ནས་རོགས་རམ་ཅི་ནུས་སུ་འབད་པ་ཡིན། དམིགས་བསལ་དུ་སློབ་གྲྭ་མེད་པའི་ས་ཆ་རུ་སྒེར་གཉེར་སློབ་གྲྭ་༼ བཀྲ་ཤིས་དགེ་མཚན་དམངས་གཉེར་བྱིས་སྐྱོང་ཁང་དང་། ནང་ཆེན་བཀྲ་ཤིས་དགེ་མཚན་དྭ་དབུལ་ལག་རྩལ་སློབ་གྲྭ་༽ གཉིས་སློབ་གསོའི་སྡེ་ཁག་མི་འདྲ་བ་གཉིས་གསར་དུ་བཙུགས་ཡོད། ད་སྐབས་ཡང་རིམ་བཞིན་ཡར་རྒྱས་ཀྱི་གོམ་པ་སྤོ་བཞིན་པའི་སྒང་ཡིན་ནོ།  །

I am a social guy

FUN FACT

400+ HAPPY CLIENTS

5000 PORTRAIT SHOOTS

10000 NATURE SHOOTS

70000 SHOTS CAPTURED

72 COUNTRIES VISITED

1200 COFFEE DRINKED

(Visited 77 times, 1 visits today)